Registration

First Circular, February 27, 2022

Dear ISYT Participants and Observers, 

རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ཚོགས་ཆེན་ཚོགས་བཅར་བ་དང་ཉན་ཞིབ་པ་ཡོངས་ལ་ཆེད་དུ་ཞུ་དོན།

We remain optimistic that the conference will be able to take place as scheduled from August 1-5, and are excited to host you in Charlottesville. Please follow the directions below to formally register for the conference.

དེ་སྔོན་གཏན་འབེབ་ཟིན་པ་བཞིན་ང་ཚོས་ཐེངས་འདིའི་ཚོགས་ཆེན་འདི་ལོའི་སྤྱི་ཟླ་ ༨ པའི་ཚེས་ ༡ ནས་དངོས་སུ་ཚོགས་ཐུབ་པར་ཡིད་ཆེས་བྱེད་བཞིན་ཡོད། ང་ཚོས་སྤྲོ་སེམས་ཁོལ་བའི་ངང་ནས་སྐུ་ཉིད་འདི་གར་ས་གནས་ཤར་ལྷོ་སུ་ཝིར་ཕེབས་པར་དགའ་བསུ་ཞུ། གཤམ་གསལ་གྱི་ལམ་སྟོན་ཁག་གཞིར་བཟུང་གིས་ཚོགས་འདུའི་ཐོ་འགོད་བྱེད་རོགས་ཞུ། 

Conference registration: To register for the conference, please go to the following link:

ཚོགས་འདུའི་ཐོ་འགོད། གཤམ་གྱི་དྲ་ཐག་བརྒྱུད་ཚོགས་འདུའི་ཐོ་འགོད་བྱེད་རོགས་ཞུ།

You can pay through either a credit/debit card or through Paypal. If you have trouble with the payment system, please contact us directly. The total registration cost is $225. If for some reason the conference is canceled, American participants will receive a full refund minus a small processing fee charged by Eventbrite; international participants will receive $158 due to taxes on the transfer. We do ask that “observers” (non-presenters) of the conference register so that we can account for you in our planning. If you are not presenting, you may register at a reduced rate of $175.

ཁྱེད་ཀྱིས་ཐོ་འགོད་རིན་བབ་ credit, debit, PayPal གང་རུང་ནས་གནང་ནའང་འཐུས། གལ་སྲིད་ཁྱེད་ལ་ཐོ་འགོད་རིན་བབ་སྤྲོད་ཕྱོགས་སྐོར་བཀའ་ངལ་འདྲ་བྱུང་ཚེ་ཐད་ཀར་ང་ཚོར་འབྲེལ་བ་གནང་རོགས། ཐོ་འགོད་རིན་བབ་ནི་ཨ་སྒོར་ ༢༢༥ རེ་ཡིན། རྒྱུ་རྐྱེན་གང་ཞིག་གིས་དབང་གིས་གལ་སྲིད་ད་ཐེངས་ཀྱི་ཚོགས་ཆེན་ཚོགས་མ་ཐུབ་པ་བྱུང་ཚེ། ཨ་རི་ནས་ཕེབས་པའི་ཚོགས་བཅར་བ་རྣམས་ལ་རིན་བབ་ཆ་ཚང་ཕྱིར་སློག་བྱ་རྒྱུ་ཡིན། དངུལ་གཏོང་ལེན་ཐད་ཁྲལ་བབ་སྤྲོད་དགོས་དགོས་པར་བརྟེན་དེ་མིན་རྒྱལ་ཁབ་གཞན་ནས་ཕེབས་རིགས་ལ་ཨ་སྒོར་ ༡༥༨  ཕྱིར་སློག་བྱ་རྒྱུ་ཡིན། ང་ཚོས་འདི་ནས་ཟུར་ཉུན་པ་རྣམས་ལའང་ཚོགས་བཅར་ཆེད་ཚོགས་འདུའི་ཐོ་འགོད་བྱེད་རོགས་ཞུ་ཡི་ཡོད། གང་ཡིན་ཟེར་ན་འདི་ནས་ཚོགས་བཅར་ཡོངས་རྫོགས་ང་ཚོའི་འཆར་གཞིའི་ཁོངས་སུ་ཚུད་པར་བྱ་རྒྱུ་སོགས་ལ་ཁྱད་པར་འདུག གལ་སྲིད་ཁྱེདརང་ཟུར་ཉན་པའི་ཁོངས་སུ་ཕེབས་འདོད་ཡོད་ཚེ་ཟུར་ཉན་པའི་ཐོ་འགོད་ཁོངས་སུ་ཐོ་འགོད་བྱེད་རོགས། ཟུར་ཉན་པའི་ཐོ་འགོད་རིན་བབ་ནི་ཨ་སྒོར་༡༧༥ རེ་ཡིན།

Invitation for Visa: If you require an invitation in order to apply for a visa, please fill out the following form: https://virginia.az1.qualtrics.com/jfe/form/SV_1yUYldthXoGwmF0. We are aware of the complexities of applying for an American visa right now and will try to provide you with an invitation letter as soon as possible. We will be sponsoring B-1 visas, which allows the bearer to attend an academic conference.

མཐོང་མཆན་ཆེད་མགྲོན་ཤོག གལ་སྲིད་ཁྱེད་ལ་ཨ་རིའི་མཐོང་མཆན་ཆེད་འདི་ནས་མགྲོན་ཤོག་དགོས་ཚེ། གཤམ་འོག་གི་དྲ་ཐག་བརྒྱུད་འགེངས་ཤོག་འདི་བཀང་རོགས།

https://virginia.az1.qualtrics.com/jfe/form/SV_1yUYldthXoGwmF0. ད་སྐབས་ཨ་རིའི་མཐོང་ཆེན་ཞུ་བར་ལས་ཀ་སྣ་མང་ཞིག་ཡོད་པར་ང་ཚོས་ཤེས་རྟོགས་ཐོབ་པ་བཞིན་འདི་ནས་ང་ཚོས་གང་མགྱོགས་ཐོག་ཁྱེད་རྣམ་པར་མགྲོན་ཤོག་གཏོང་ཐབས་བྱ་ངེས་ཡིན། ང་ཚོས་འདི་ནས་ཁྱེད་རྣམ་པ་ B-1མཐོང་ཆེན་ཐོག་མགྲོན་འབོད་བྱེད་ཀྱི་ཡོད། མཐོང་མཆན་འདིའི་ཐོག་ནས་ཁྱེད་རྣམ་པ་ཤེས་རིག་ཚོགས་ཆེན་ཁག་གི་ཐོག་ཚོགས་བཅར་བྱེད་ཆོག་གི་ཡོད། 

Housing registration: The housing registration website will go live in May, but we have reserved enough rooms for you to stay in university housing if you desire. We have reserved rooms from July 31 – August 6 at 43 U.S. dollars per night. This reserves you your own room in a suite with four bedrooms, a common area that includes a kitchen, and two bathrooms. More information can be found here. Currently, the university is not providing linens due to covid, so please bring your own. Check-in for university housing will run on the 31st from 4–10 p.m.; check-out will run from 8 a.m.–noon on the 6th. Please schedule your flights to align with these times. We will not be able to accommodate check-in/out times outside the window listed above.

སྡོད་ཁང་ཆེད་ཐོ་འགོད། སྡོད་ཁང་ཐོ་འགོད་བྱ་ཡུལ་གྱི་དྲ་རྒྱ་ནི་སྤྱི་ཟླ་ ༥ པ་ནས་དངོས་སུ་ཤར་གཏོང་བྱ་རྒྱུ་དང་། ཁྱེད་རང་འདི་གའི་མཐོ་སློབ་ཀྱི་སྡོད་ཁང་དུ་བཞུགས་འདོད་ཡོད་ཚེ་ང་ཚོས་སྤྱི་ཟླ་ ༧ པའི་ཚེས་ ༣༡ ནས་སྤྱི་ཟླ་ ༨ པའི་ཚེས་ ༦ བར་མཐོ་སློབ་ཀྱི་སྡོད་ཁང་འདངས་ངེས་གོ་སྒྲིག་ཞུས་ཡོད། སྡོད་ཁང་རེ་རེར་ཉིན་རེར་ཨ་སྒོར་ ༤༣ རེ་ཡིན། སྤོས་ལེགས་ཁང་པ་གཅིག་ནང་སྒེར་གྱི་ཉལ་ཁང་བཞི་རེ་དང་། ཐུན་མོང་གི་ཐབ་ཚང་གཅིག ཁྲུས་ཁང་གཉིས་རེ་བཅས་ཡོད། འདིའི་སྐོར་རྒྱས་པར་ཤེས་འདོད་ཚེ་འདིར་གཟིགས་རོགས། here  ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་སློབ་གྲྭ་ནས་ཉེར་སྤྱོད་ཁྲུས་རས་སོགས་མཁོ་སྤྲོད་བྱ་འཆར་མེད་པས་དེ་དག་རང་ངོས་ནས་གྲ་སྒྲིག་བྱེད་དགོས། སྤྱི་ཟླ་བདུན་པའི་ཚེས་ ༣༡ གི་ཉིན་རྒྱབ་ཆུ་ཚོད་ ༤ པ་ནས་ ༡༠ པའི་བར་སྡོད་ཁང་ནང་དངོས་སུ་གནས་སྤོས་ཀྱི་སྣེ་ལེན་གོ་སྒྲིག་ཞུ་རྒྱུ་དང་། ཕྱི་ཚེས་ ༦ གི་སྔ་དྲོ་ཆུད་ཚོད་ ༨ པ་ནས་ཕྱི་དྲོ་ཆུ་ཚོད་ ༨ པ་བར་སྡོད་ཁང་ནས་ཕྱིར་སྤོས་ཀྱི་ཕེབས་བསྐྱལ་གོ་སྒྲིག་ཞུ་རྒྱུ་ཡིན། ཁྱེད་ཀྱིས་གནམ་གྲུའི་འཛིན་བྱང་ཉོ་སྐབས་གོང་གསལ་སྡོད་ཁང་གི་དུས་ཚོད་ཁག་དང་བསྟུན་ཏེ་འཛིན་བྱང་ངེས་པར་དུ་ཉོ་རོགས། ང་ཚོས་འདི་ནས་གོང་གསལ་དུས་ཚོད་ཁག་ལས་བརྒལ་ཏེ་སྡོད་ཁང་གོ་སྒྲིག་ཞུ་ཐོབ་ཀྱི་མེད།

Entry into the U.S.: Currently the U.S. does not require a mandatory quarantine for arriving passengers. However, all travelers are (1) required to be fully vaccinated with a CDC/WHO recognized vaccine (J&J, Pfizer-BioNTech, Moderna, AstraZeneca, Covaxin, Covishield, BIBP/Sinopharm, Sinovac, Novavax/Covovax) AND (2) have proof of a negative COVID-19 test taken the DAY BEFORE (within 24 hours of) the flight departure. Acceptable tests must be either an antigen test or a nucleic acid amplification test (NAAT). Alternatively, proof of recovery from COVID accompanied by a letter from a licensed healthcare provider within 90 days may also be acceptable. However, the situation is still very fluid, and we will try to keep you apprised of any changes to this policy as we approach the date of the conference. We will adhere to the most up to date standards set by the U.S. Centers for Disease Control.

ཨ་རི་ནང་དངོས་སུ་ཕེབས་ཕྱོགས་སྐོར། དེང་སྐབས་རྒྱལ་ཁབ་ཕྱི་ནས་འབྱོར་བའི་འགྲུལ་པ་རྣམས་སྔར་ལྟར་ཟུར་བཀག་ཐོག་སྡོད་དགོས་ཀྱི་མེད། ཡིན་ན་ཡང་གཤམ་གྱི་དོན་ཚན་ཁག་ལ་ངེས་པར་དུ་དོ་སྣང་བྱེད་དགོས།  དང་པོ། ཨ་རིའི་ནད་ཡམས་སྔོན་འགོག་ལྟེ་གནས་ཁང་དང་ CDC  རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ WHO  ནས་ངོས་འཛིན་ལྡན་པའི་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་ཆ་ཚང་བ་ངེས་པར་དུ་བརྒྱབ་ཟིན་པ་དགོས།  གཉིས་པ། ཏོག་དབྱིབས་ནད་ཚ་མེད་པའི་བརྟག་དཔྱད་འབྲས་བུ་ཞིག་ངེས་པར་དུ་དགོས། དེ་ཡང་གནམ་གྲུ་མ་ཐོན་སྔོན་གྱི་ཆུ་ཚོད་༢༤ ནང་ཚུད་བརྟག་དཔྱད་བྱས་པ་ཞིག་ཡིན་དགོས་པ་མ་ཟད་ antigen test དང་ nucleic acid amplification test (NAAT) གང་རུང་ཞིག་ཡིན་དགོས། ཡང་ན་ཆོག་མཆན་ལྡན་པའི་ཚད་ལྡན་གྱི་འཕྲོད་བསྟེན་ལས་རིགས་ཀྱི་ཚོགས་སྡེ་ཞིག་ནས་ཏོག་དབྱིབས་ན་ཚ་ལས་དྲག་སྐྱེད་བྱུང་ཟིན་པའི་ངོས་སྦྱོར་ཡི་གེ་ཞིག་ཡོད་ནའང་འཐུས། ཡི་གེ་དེ་ཡང་ཉན་གྲངས་༩༠ ལས་མ་རྒལ་བ་ཞིག་ཡིན་དགོས།  ཡིན་ན་ཡང་འདིའི་སྐོར་གྱི་གནས་སྟངས་ནི་ད་དུང་ཡང་ངེས་བརྟན་མེད་པར་རྒྱུན་དུ་འགྱུར་བཞིན་ཡོད་སྟབས། ང་ཚོས་འདི་ནས་འདིའི་ཐད་འགྱུར་བ་ཇི་ཕྱིན་རིམ་བཞིན་ཁ་སྣོན་གསལ་བཤད་ཞུ་ངེས་ཡིན། ང་ཚོས་ཨ་རིའི་ནད་ཡམས་སྔོན་འགོག་ལྟེ་གནས་ཁང་ནས་གཏན་འབེབ་དང་ཁ་སྣོན་བྱས་པའི་ལམ་སྟོན་ཁག་ལ་རྩ་འཛིན་བྱེད་བཞིན་པ་ཡིན། 

Thank you for your patience; we are looking forward to hosting everyone in August.

འདི་ནས་ཁྱེད་རྣམ་པས་ངང་སྒུག་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ང་ཚོས་ཁྱེ་རྣམ་པ་སྤྱི་ཟླ་བརྒྱད་པར་འདིར་ཕེབས་རྒྱུར་རེ་སྒུག་བྱེད་བཞིན་ཡོད།

Sincerely,

The ISYT Organizing Team

རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ལྷན་ཚོགས་ཀྱི་གོ་སྒྲིག་ཚོགས་པ་ནས། 

%d bloggers like this: