Call for Papers དཔྱད་རྩོམ་འབོད་སྐུལ་གྱི་གསལ་བརྡ།

***The Call for Proposals for the Sixth International Seminar of Young Tibetologist is closed as of August 10, 2010.***

UPDATE:

In light of recent uncertainty, the conveners of the Sixth International Seminar of Young Tibetologists (ISYT) has elected to extend the deadline for application to August 9th, 2020. Application is free and the committee hopes to offer limited travel grants to help aid graduate students, unaffiliated scholars, and those whose travel funding has been restricted due to the global emergency. Organizers are also closely monitoring the pandemic and will make a decision by February 28, 2021 on whether to postpone the ISYT Seminar to 2022. No application fees will be collected until we are sure the conference will convene in 2021.

དེང་སྐབས་ནད་ཡམས་ཀྱིས་རྐྱེན་པའི་ངེས་བརྟན་མེད་པའི་ཛ་དྲག་གི་གནས་སྟངས་འདིའི་འོག་ནས་འདི་གའི་ཚོགས་འདུ་གོ་སྒྲིག་ཚོགས་ཆུང་ནས་འཆར་ལོའི་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ཚོགས་ཆེན་ཐེངས་དྲུག་པར་ཚོགས་བཅར་བའི་སྙན་ཞུའི་འགེངས་ཤོག་གི་དུས་ཡུན་དེ་བཞིན་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༨ པའི་ཕྱི་ཚེས་ ༩ བར་ཕྱིར་སྣུར་བྱ་རྒྱུ་དང་།  ཚོགས་བཅར་བའི་འགེངས་ཤོག་ཕུལ་བར་གནས་སྐབས་གླ་དོད་མཉམ་འབུལ་ཞུ་མི་དགོས་ཤིང་།  འདི་གའི་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱི་རེ་བ་ལ་དེང་སྐབས་ཛ་དྲག་གི་གནས་སྟངས་འོག་ཚོགས་བཅར་བ་རྣམས་ཀྱི་འགྲིམ་འགྲུལ་སོགས་ཀྱི་འགྲོ་གྲོན་ཐད་བཀའ་ངལ་སེལ་ཆེད་ཚོགས་བཅར་བ་རྒྱ་ཆེ་བའི་ཞིབ་འཇུག་སློབ་མ་རྣམས་དང་།  དེ་བཞིན་འབྲེལ་ཡོད་མཁས་དབང་རྣམ་པར་འགྲོ་གྲོན་གྱི་རོགས་དངུལ་གང་འཚམས་ཤིག་འབུལ་ཐབས་ཞུ་བཞིན་པ་དང་།  ལྷག་པར་དུ་ཚོགས་ཆུང་ནས་གཟབ་ནན་གྱིས་དེང་སྐབས་ཆེས་ཁྱབ་བརྡལ་དུ་འགྲོ་བཞིན་པའི་ནད་ཡམས་ཀྱི་གནས་སྟངས་ལ་དོ་སྣང་བྱས་དང་བྱེད་བཞིན་པ་མ་ཟད།  འདི་ལོའི་ཚོགས་འདུ་འདི་བཞིན་ཕྱི་ལོ་ ༢༠༢༢ ལོར་བར་ཕྱིར་འགྱངས་བྱེད་དགོས་མིན་ཐད་འདི་ནས་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༢ ཕྱི་ཚེས་ ༢༨ ཚུན་ཚོགས་བཅར་བ་ཡོངས་ལ་བརྡ་ལེན་སྤྲོད་ཐུབ་པ་བྱ་ངེས་ཡིན།  ད་ཐེངས་ཕྱི་ལོ་ ༢༠༢༡ ལོའི་ཚོགས་འདུ་འདི་བཞིན་འཚོགས་གཏན་འཁེལ་བ་མ་བྱུང་བར་འདི་ནས་གནས་སྐབས་རིང་སྙན་ཞུའི་གླ་དོད་བསྡུ་རྒྱུ་མིན་པ་བཅས།།

༅༅། །རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་བགྲོ་གླེང་ཚོགས་ཆེན་ཚོགས་ཐེངས་དྲུག་པ་བྱང་ཨ་མེ་རི་ཀའི་ཝེར་ཇེ་ནེའི་མངའ་སྡེའི་གྲོང་ཁྱེར་ཤྲ་ལོ་སེ་ཝེལ་ལ་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༨ པའི་ཕྱི་ཚེས་ ༩ ནས་ ༡༤ བར་འཚོགས་རྒྱུ་གཏན་འཁེལ་བྱས་ཡོད། ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་ནས་རྒྱ་ཆེའི་མཁྱེན་ལྡན་རྣམ་པར་དཔྱད་རྩོམ་གྱི་ནང་དོན་སྙིང་བསྡུས་ཡིག་འབྲུ་ ༣༥༠ ལས་མ་བརྒལ་བ་ཞིག་དང་ལྷན་དུ་ཚོགས་བཅར་བ་རང་ཉིད་ཀྱི་ངོ་སྤྲོད་ལོ་རྒྱུས་མདོར་བསྡུས་རེ་བཅས་འབུལ་གནང་ཡོང་བའི་འབོད་སྐུལ་ཞུ།  དེ་ཡང་ང་ཚོས་ཕྱི་ལོ་ ༢༠༢༠ ལོའི་ ཕྱི་ཟླ་ ༤ པའི་ཚེས་ ༡༥ ནས་ཕྱི་ཟླ་༨པའི་ཚེས་༩་བར་སྙན་ཞུ་ཕུལ་བ་དག་ངོས་ལེན་བྱེད་རྒྱུ་ཡིན་པས་དུས་ཡུན་འདིའི་རིང་སྙན་ཞུའི་ཡིག་ཆ་དག་འདིར་འབྱོར་པ་བྱེད་དགོས། གོ་སྒྲིག་ཚོགས་ཆུང་ནས་སྙན་ཞུའི་ཡིག་ཆར་ཞིབ་བཤེར་གནང་རྗེས།  ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༡༠ པའི་ནང་ཚུན་སྙན་ཞུ་བ་རྣམས་ལ་འདི་ནས་བརྡ་ལན་ཁ་གསལ་ཞིག་སྤྲོད་ངེས་ཡིན། 

The sixth meeting of the International Seminar of Young Tibetologists will be held in Charlottesville, Virginia, from August 9th – 13th, 2021. The conveners of the Seminar invite you to submit proposals consisting of a C.V. (max. two pages) and abstract (max. 350 words). Submissions will be accepted from April 15th – August 9th, 2020. Applicants will undergo a thorough review process and will be notified of the outcome of their application in the Fall of 2020.

སྙན་ཞུ་འབུལ་ཕྱོགས། Registration Process

ཚོགས་བཅར་བ་རྣམས་ཀྱིས་སྙན་ཞུ་ང་ཚོའི་དྲ་ཚིགས WWW.ISYT2021.com/cfpform ཞེས་པ་འདི་བརྒྱུད་ནས་འབུལ་དགོས། སྙན་ཞུ་འབུལ་པར་གླ་དངུལ་མི་དགོས་མོད། ད་ཐེངས་བགྲོ་གླེང་ཚོགས་ཆེན་ཐོག་བཅར་གཏན་འཁེལ་བ་རྣམས་ཀྱིས་ཐོ་འགོད་རིན་དངུལ་ཕྱི་ལོ་ ༢༠༢༠ ལོའི་སྟོན་ཀར་འདི་གའི་ཚོགས་ཆུང་དུ་འབུལ་དགོས། དེ་ཡང་ངེས་པར་དུ་མཁྱེན་དགོས་པ་ཞིག་ལ་སྙན་ཞུའི་ནང་དུ་ཚོགས་བཅར་བ་རང་ཉིད་གཙུག་ལག་སློབ་ཆེན་ཞིག་ནས་འབུམ་རམས་པའི་བསླབ་པ་མཐར་སོན་ནས་ལོ་ངོ་དྲུག་ལས་མ་བརྒལ་བ་ཞིག་གམ། ཡང་ན་མཐོ་སློབ་ཁང་ཞིག་ཏུ་ཤེས་ཡོན་གྱི་ལས་གནས་ཐོག་དངོས་སུ་ཞུགས་ནས་ལོ་ངོ་དྲུག་ལས་བརྒལ་མེད་པ་རང་ཉིད་ཀྱི་ངོ་སྤྲོད་ལོ་རྒྱུས་མདོར་བསྡུས་ནང་ཁ་གསལ་འགོད་དགོས། ཅི་སྟེ་སྐུ་ཉིད་ལ་སྙན་ཞུ་འབུལ་ཕྱོགས་ཐད་ལམ་སྟོན་དང་། དེ་བཞིན་ཚོགས་ཞུགས་ཀྱི་ཆ་རྐྱེན་ཚང་མིན་སོགས་ཀྱི་སྐོར་ལ་དྲི་བའི་རིགས་མཆིས་ཚེ་གཤམ་གྱི་གློག་འཕྲིན་བརྒྱུད་ང་ཚོར་འབྲེལ་བ་གནང་རོགས་ཞུ ISYT2021@gmail.com །

Please submit your application by using the portal on the ISYT website: http://www.ISYT2021.com/cfpform. There is no fee for submitting a proposal. Registration fees will be collected in the fall of 2020 only from accepted applicants. Please be prepared to paste your 350-word abstract and upload a 2-page C.V. The C.V. should indicate that no more than six years have passed since the completion of your final degree or your first academic appointment. If you have any difficulties in submitting your application or questions about your eligibility, please contact ISYT2021@gmail.com.

ཚོགས་བཅར་མཁན། Participants

ཚོགས་བཅར་བ་རྣམས་ནས་རང་ཉིད་ཀྱི་དཔྱད་རྩོམ་རེ་སྒྲོག་སྦྱང་ཞུ་དགོས་ཤིང་། དེ་ཡང་དབྱིན་སྐད་དང་བོད་སྐད་གང་རུང་ཐོག་སྒྲོག་སྦྱང་ཞུ་ཆོག། དངོས་གཞིའི་སྒྲོག་སྦྱང་གི་དུས་ཡུན་ནི་སྐར་མ་ ༢༠ རེ་དང་། མཇུག་མཐའི་དྲི་བ་དྲིས་ལན་ལ་སྐར་མ་ ༡༠ རེ་བཅས་ཁྱོན་དུས་ཡུན་ཆུ་ཚོད་ཕྱེད་ཀ་རེ་ཡོད། དཔྱད་རྩོམ་ཚང་མ་རྩོམ་པ་པོ་རང་ཉིད་ཀྱིས་ཁུངས་ལྡན་གྱི་དངོས་གཞིའི་རྒྱུ་ཆ་བེད་སྦྱོད་བྱས་ནསཉམས་ཞིབ་བྱས་པའི་འབྲས་བུ་ཤ་སྟག་ཡིན་དགོས།

འདི་ནས་ང་ཚོས་ཚོགས་བཅར་བའི་ཁོངས་སུ་ལམ་གྲོན་རོགས་དངུལ་དགོས་པ་ཁ་ཤས་ལ་ལམ་གྲོན་གང་འཚམས་ཞིག་མཁོ་སྤྲོད་ཞུ་ཐུབ་པས། ཚོགས་བཅར་བ་སུ་ཞིག་ལ་ལམ་གྲོན་རོགས་དངུལ་དགོས་གལ་ཆེ་ཚེ་དོ་བདག་སོ་སོའི་དཔྱད་རྩོམ་དང་ལྷན་དུ་དེ་ལྟར་རོགས་དངུལ་དགོས་གལ་གྱི་བརྡ་ལན་ཁ་གསལ་ཞིག་གནང་འཐུས་ཡོང་བ་ཞུ། ང་ཚོས་དགོས་འདུན་བཏོན་པ་ཚང་མར་རོགས་དངུལ་སྤྲོད་མི་ཐུབ་པས་དགོངས་འགལ་མེད་པ་ཞུ།

Participants will present a paper for twenty minutes, followed by ten minutes of Q&A. All papers may be presented in English or Tibetan. All papers should present the results of original research, and should engage primary sources.

We will be able to provide a limited number of travel grants on a need basis. Please indicate your desire to be considered for such a grant when you submit your paper proposal. Unfortunately, we will not be financially able to fund all requests.

ཟུར་ཞུགས་མཁནObservers

ང་ཚོས་འདི་ནས་ས་མིག་གང་འཚམས་ཤིག་གླ་དོད་ཆུང་ངུའི་ཐོག་ནས་ཚོགས་འདུའི་ཟུར་ཉན་པ་རྣམས་ལ་འབུལ་འཆར་ཡོད་པས། སུ་ཞིག་ནས་ཟུར་ཉན་བའི་ཁོངས་སུ་ཞུགས་འདོད་མཆིས་ཚེ་དོ་བདག་སོ་སོའི་ངོ་སྤྲོད་ལོ་རྒྱུས་མདོར་བསྡུས་རེ་དང་ལྷན་དུ་ཟུར་ཉན་ཆེད་བཅར་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་བཅས་ཀྱི་སྐོར་འགྲེལ་བརྗོད་ཐུང་ངུ་རེ་བཅས་གློག་འཕྲིན་འདི་བརྒྱུད་ང་ཚོར་གནང་རོགས་ཞུ།

We will accept a limited number of observers, who can attend for a reduced fee. If interested, please email us directly at ISYT2021@gmail.com with a C.V. and a brief description of your interest in attending.

འབྲེལ་བ་གནང་ཡུལ། Contact

གལ་ཏེ་སྐུ་ཉིད་ལ་བགྲོ་གླེང་ཚོགས་ཆེན་གྱི་སྐོར་ལ་དྲི་བ་སོགས་ཡོད་ཚེ་ང་ཚོའི་གློག་འཕྲིན་ ISYT2021@gmail.com་བརྒྱུད་ང་ཚོར་ཐད་ཀར་འབྲེལ་བ་གནང་རོགས།

Any questions or inquiries can be directed to ISYT2021@gmail.com.

%d bloggers like this: